人不成熟的五大特征 (译文)

མི་ཞིག་ནར་མ་སོན་པའི་རྟགས་ཆེ་བ་ལྔ། (བསྒྱུར་རྩོམ།)

རྩོམ་འདི་རང་ལྟ་བུའི་མི་རྣམས་ཀྱི་ཆེད་དུ་སྒྲིག་སྒྱུར་བྱས་པ་ཡིན།

འོར་མས་བསྒྱུར།

. མི་ཞིག་ནར་སོན་དང་མ་སོན་ནི་དེའི་ལོ་ན་དང་འབྲེལ་བ་མེད་པར། གཞན་གྱི་ས་ནས་འགྲེངས་ཏེ་བསམ་བློ་གཏོང་ཤེས་མཁན་ཏེ། ང་ཡི་འཇིག་རྟེན་དེ་ཁྱོད་ཀྱི་འཇིག་རྟེན་དུ་སྒྱུར་ནུས་མཁན་དེ་ཡིན། སྤྱི་ཚོགས་འདིར། མི་མང་པོ་ཞིག་ལོ་ན་ཆེ་རུ་སོན་ཡང་། ད་དུང་ཡང་བྱིས་པའི་སྤྱོད་པ་དོར་མ་ཐུབ་པར། དོན་ཆུང་ཞིག་གིས་ཀྱང་གཞན་ལ་རྩོད་པ་བྱེད་དོ།།

གཅིག དེ་མ་ཐག་ལན་ཡོང་བར་རྔམ་པ།

ལ་ལ་ཞིག་གིས། དཔྱིད་ཀ་ནས་ས་བོན་བཏབ་ཀྱང་སྟོན་ཁ་མ་གཏོགས་འབྲས་བུ་མི་སྨིན་པའི་གནས་ལུགས་རྟོགས་མེད་པ་སྟེ། ཁོ་ཚོས་བྱ་བ་ཞིག་སྒྲུབ་ཚེ། དང་པོར་དཀའ་ལས་ཅུང་ཙམ་བརྒྱབ་རྗེས། མྱུར་དུ་གྲུབ་འབྲས་ཐོབ་པར་རྔམ་ལངས་ཤིང་། དཀའ་ངལ་ཅུང་ཙམ་མྱོང་ཚེ། མི་འགྲུབ་ཀི་སྙམ་ནས་རང་སར་བསྐྱུར་བ་དང་། ཡང་། འགའ་རེས་ཚོང་ལས་ཤིག་གི་འགོ་བརྩམས་པ་ན། འབྲས་བུ་ཅི་ཡང་ལག་ཏུ་འཐོབ་རྒྱུ་མེད་ཚེ། ལས་ཀ་དེ་བསྐྱུར་འདོད་སྐྱེས་ཏེ། ལ་ལས་ཟླ་གཅིག ལ་ལས་ཟླ་གསུམ། ལ་ལས་ལོ་ཕྱེད། ལ་ལས་ལོ་གཅིག་གིས་བསྐྱུར་བར་བྱེད་དོ།།ངས་ཅིའི་ཕྱིར་ན་ཁོ་ཚོས་དེ་འདྲའི་སླ་མོ་ཞིག་གིས་རང་ཉིད་ཀྱི་ལས་ཀ་བསྐྱུར་བ་ཡིན་མི་ཤེས་མོད། འོན་ཀྱང་དེ་ཕམ་ནག་རྡོར་བརྒྱབ་ཡོད་པའི་མི་དག་གི་མཚོན་བྱེད་གྱི་གོམས་གཤིས་ཤིག་ཡིན་པ་རྟོགས་ཡོད། དེའི་ཕྱིར། ཁྱོད་ལ་མིག་རྒྱ་ཡོད་ན། ལྷག་ཏུ་རྒྱང་རིང་སེར་ལྟ་དགོས་ཏེ། མིག་རྒྱ་ནི་མ་འོངས་པར་ལྟ་སྤྱད་ཡིན་པས་སོ།།

. འཚོ་བའི་ཁྲོད"རང་ལས"བསྐྱུར་ལོབས་སུ་སོང་ཡོད་པའི་མི་རྣམས་ལ་ཞེ་འཛིན་གྱི་ཚིག་ཅིག་དབུལ་ཏེ། "ལེགས་འགྲུབ་ཡོང་མཁན་ལ་ནམ་ཡང"རང་ལས"བསྐྱུར་རྒྱུ་མེད་ཅིང་། "རང་ལས"འདོར་མཁན་ལ་ནམ་ཡང་ལེགས་འགྲུབ་ཡོང་རྒྱུ་མེད"ཅེས་པ་འདིའོ།།འོ་ན། ཅིའི་ཕྱིར་མི་མང་པོས་བྱ་བ་སྒྲུབ་སྐབས་ཅུང་ཙམ་གྱིས་རང་གིས་སྒྲུབ་བཞིན་པའི་ལས་དེ་བསྐྱུར་བ་ཡིན་ཞེ་ན། འདི་ལ། ཨ་རིའི་མིང་དུ་གྲགས་པའི་ལེགས་འགྲུབ་རིག་པ་བ་ནཱ་ཕོ་ལོན་གྱིས། དབུལ་བོ་ལ་མངོན་མཚན་ཅན་གྱི་སེམས་ཁམས་ཁྱད་པར་བ་གཉིས་ཡོད་དེ། གཅིག ནམ་ཡང་གོ་སྐབས་ལག་ཏུ་ཐོན་ཡང་མི་འཛིན་པ་དང་། གཉིས། མྱུར་དུ་ཕྱུག་པོར་གྱུར་འདོད་པའོ།།

. མི་འདིའི་རིགས་ལ། གོ་སྐབས་ཅི་ཙམ་ཞིག་དེ་རིང་ཁོའི་མདུན་དུ་བཞག་ཀྱང་། ཁྱི་སྔུན་ལ་རྩྭ་བཞག་པ་ལས་མ་འདས་ཏེ། དཔེར་ན། ཁྱོད་ཀྱིས་མགྲོན་མཁར་ཕྱེས་ནས་ཧ་ཅང་ལེགས་འགྲུབ་བྱུང་ཞིང་། རང་གི་ཉམས་མྱོང་ཡང་བཤད། མ་ཟད་བསམ་པ་རྣམ་དག་གིས་ཁོ་ལའང་དེ་ལྟར་བྱེད་རྒྱུའི་སྐུལ་མ་བྱས་ནའང་། མི་ལ་ལ་ཞིག་གིས་གཏན་ནས་བསྒྲུབ་མི་སྲིད།

. དེའི་ཕྱིར་འདི་ནི་མངོན་མཚན་ཅན་གྱི་སྤྲང་པོའི་སེམས་ཁམས་ཏེ། ཁོས"ཁྱོད་ཀྱིས་འགྲུབ་ཀྱང་ངས་འགྲུབ་པ་མ་རེད་"ཅེས་བརྗོད་ལ། ནུབ་གཅིག་གིས་ཕྱུག་པོར་གྱུར་འདོད་ཀྱི་མཚན་མ་ནི། དཔེར་ན། ཁྱོད་ཀྱིས་ཁོ་ལ་ཚོང་ཞིག་ཡོད་ཚུལ་གླེང་ན། ཁོའི་ཐོག་མའི་དྲི་བ་ནི། སྒོར་མོ་མང་མི་མང་དང་། གཉིས་པ་ལས་ཀ་སླ་མི་སླ། གསུམ་པ་མགྱོགས་མི་མགྱོགས་ཏེ། དེ་གསུམ་ག་ཚང་ན། ད་གཟོད་བསྒྲུབ་ཅེས་ཟེར་ཏེ། ཧུ་ཧུ། དགོད་སྤྱད་རེད་དམ་མ་རེད། ཚང་མས་འདང་ཞིག་རྒྱོབས་དང་། འཇིག་རྟེན་འདིར། མང་ཡང་མང་། སླ་ཡང་སླ། མགྱོགས་ཀྱང་མགྱོགས་པའི་སྒོར་མོ་འཚོལ་ཐབས་ཤིག་ཡོད་དམ། ཡོད་མ་རེད། གལ་ཏེ་ཡོད་པའི་དབང་ཏུ་བྱས་རུང་། ང་ཚོ་དེ་ལ་འཕྲད་མ་རེད། དེའི་ཕྱིར། འཚོ་བའི་ཁྲོད་ཤེས་དགོས་པ་ནི། ང་ཚོས་ངེས་པར་དུ་དཀའ་ལས་བརྒྱབ་དགོས། ཅིའི་ཕྱིར་དཀའ་ལས་བརྒྱབ་དགོས་པ་ཡིན་ཞེ་ན། རང་ཉིད་ཀྱི་རེ་འབྲས་མངོན་དུ་གྱུར་པའི་ཆེད་དེ། མི་ནི་རེ་བས་གསོན་ཞིང་གལ་ཏེ་མི་ལ་རེ་བ་གཅིག་ཀྱང་མེད་ཚེ། གསོན་པར་ཡང་སྙིང་པོ་གཅིག་ཀྱང་མེད།

. གལ་ཏེ་ཁྱོད་ཀྱིས་དངོས་པོ་ཇི་འདྲ་ཞིག་ཐོབ་པར་འདོད་ཚེ། ཐོག་མར་འགྲོ་སོང་ཡང་དེ་འདྲ་ཞིག་གཏོང་དགོས་ཏེ། ཁྱོད་ཀྱིས་རང་དབང་གི་དུས་ཚོད་ཐོབ་པར་འདོད་ན། ཐོག་མར་དུས་ཚོད་འགྲོ་སོང་གཏོང་དགོས་ལ། ཁྱོད་ཀྱིས་སྒོར་མོ་ཐོབ་པར་འདོད་ཚེ། ཐོག་མར་སྒོར་མོ་གཏོང་དགོས། ཁྱོད་ཀྱིས་དགའ་ཕྱོགས་གང་ཞིག་ཐོབ་པར་འདོད་ན། ཐོག་མར་ཁྱོད་ཀྱིས་དགའ་ཕྱོགས་གང་དེ་གཏོང་དགོས་ལ། ཁྱོད་རང་ཁྱིམ་མི་དང་ལྷན་དུ་ཡུན་རིང་ལ་མཉམ་དུ་འདུག་འདོད་ཚེ། ཐོག་མར་ཁྱིམ་མི་དང་ལྷན་དུ་འདུག་པ་ཉུང་དགོས།

. འོན་ཀྱང་། ཐག་ཆོད་པ་གཅིག་ཡོད་པ་ནི། ཁྱོད་ཀྱིས་ལས་ཁག་འདིའི་ཕྱོགས་སུ་ཕར་འགྲོ་སོང་ཅི་ཙམ་བཏང་བ། དེ་ལས་དེ་ལྡབ་འགྱུར་གྱིས་ཚུར་ཡོང་སྒོ་རེག་པ་ཡིན་ཏེ། དཔེར་ན། ས་བོན་གཅིག་སར་བཏབ་རྗེས། ཆུ་འདྲེན་པ་དང་། ལུད་གཏོང་བ། ཡུར་བ་ཡུར་བ་དང་ལྡུམ་སྨན་འདེབས་པ་སོགས་དཀའ་ལས་མང་དུ་བརྒྱབ་རྗེས། མཐར་ཁྱོད་ལ་ལྡབ་བཅུ་འགྱུར་བརྒྱ་འགྱུར་གྱིས་འབྲས་བུ་ཐོབ་ཡོང་བ་མ་ཡིན་ནམ།

. ཁྱོད་ཀྱིས། འཚོ་བའི་ནང་དུ། ངེས་པར་ན་དཀའ་ལས་བརྒྱབ་དགོས་པ་ཤེས་དགོས། ཧ་ཅང་བྲེལ་འཚུབ་ཀྱིས་གྲུབ་འབྲས་མགྱོགས་པོར་ཐོབ་འདོད་སྐྱེ་མི་ཉན། གནམ་ཡོག་འདིར། གྲོག་གནམ་འབབ་ཅིག་གཏན་ནས་མེད་པས། ཁྱོད་རང་དཀའ་ལས་ཅི་ཡང་མ་བརྒྱབ་པར་ལེགས་འགྲུབ་མི་འབྱུང་བ་ཤེས་དགོས།དེའི་ཕྱིར་ངེས་པར་དུ་ཐོག་མར་འགྲོ་སོང་གཏོང་དགོས་པ་ཤེས་དགོས།

གཉིས། རང་མི་གཅུན་པ།

རང་མི་གཅུན་པའི་གཙོ་བོའི་རྟགས་མཚན་གང་ན་ཡོད་དམ་ཞེ་ན།

1.རང་སྐྱོན་མི་འཆོས་པ།. ཁྱོད་ཀྱིས་རང་གི་བསམ་གཞིག་བྱེད་སྟངས་དང་སྤྱོད་སྟངས་ལ་བསྒྱུར་བཅོས་གཏོང་དགོས། ཁྱོད་ཀྱིས་རང་ཉིད་ཀྱི་བག་ཆགས་ངན་པར་བསྒྱུར་བཅོས་གཏོང་དགོས། དོན་དུ། མི་དང་མིའི་སྟོབས་ཤུགས་ལ་ཁྱད་པར་ཆེན་པོ་མེད་པར། ཆེས་ཁྱད་པར་ཆེན་པོ་ཡོད་ས་ནི་བསམ་བློ་གཏོང་ཚུལ་ཏེ་དོན་དག་གཅིག་ལའང་། རྒྱལ་ཁ་ལོན་མཁན་དང་ཕམ་ཁ་མྱོང་མཁན་གཉིས་ཀྱིས་ལན་ལྡོན་སྟངས་མི་གཅིག་ཅིང་། ཐ་ན་རྦད་དེ་འགལ་བ་ཡིན་ཡང་སྲིད་དོ།།

. ང་ཚོ་དེ་རིང་ལེགས་འགྲུབ་མི་བྱུང་དོན་ནི། བསམ་གཞིག་བྱེད་སྟངས་མ་འཐུས་པ་སྟེ། སྤྱི་འགྲོས་ལེགས་པོ་ཞིག་བཀོད་ན། བསམ་གཞིག་གི་ས་བོན་བཏབ་ཚེ་ལག་ལེན་གྱི་འབྲས་བུ་དང་། ལག་ལེན་ཡང་ས་བོན་དུ་བཏབ་ན། གོམས་གཤིས་ཀྱི་འབྲས་བུ། གོམས་གཤིས་དེ་ཡང་ས་བོན་དུ་བཏབ་ན། རང་གཤིས་ཀྱི་འབྲས་བུ་སྨིན་ཞིང་། རང་གཤིས་དེ་ཡང་ས་བོན་དུ་བཏབ་ན། ཁྱོད་ཉིད་ལེགས་ཉེས་ཅི་བྱེད་ཀྱི་ཐག་གཅོད་པའི་ལས་དབང་གི་འབྲས་བུ་སྨིན་ངེས་སོ།།འོན་ཀྱང་། གལ་ཏེ་ཁྱོད་ཀྱིས་བཏབ་པ་ནི་ཕམ་ཁའི་ས་བོན་ཞིག་ཡིན་ན། ཁྱོད་ལ་ཐོབ་ཡོང་བ་ཡང་ཕམ་ཁ་ཡིན་ངེས་ལ། གལ་ཏེ་ཁྱོད་ཀྱིས་བཏབ་པ་དེ་རྒྱལ་ཁའི་ས་བོན་ཞིག་ཡིན་ཚེ། ཁྱོད་རང་ངེས་པར་དུ་རྒྱལ་ངེས།

. མི་མང་པོར་གོམས་གཤིས་ངན་པ་མང་པོ་ཡོད་དེ། དཔེར་ན བརྙན་འཕྲིན་ལ་བལྟ་བ། འགྲིག་ཤོ་རྩེ་བ། ཆང་འཐུང་བ། གར་ཚོམས་སུ་འགྲོ་བ་ལྟ་བུའོ།།ཁོ་ཚོས་ཀྱང་གོམས་གཤིས་འདི་རིགས་མི་ལེགས་པ་ཞིག་ཡིན་པ་ཤེས་ཡོད་བཞིན་དུ། ཅིའི་ཕྱིར་ཁོ་ཚོས་བསྒྱུར་བཅོས་མི་གཏོང་བ་ཡིན་ཞེ་ན། ཁོ་ཚོས་དེ་འདྲ་བའི་འཚོ་ཐབས་ངན་པས་ཇི་ཙམ་འཚོ་དགོས་ཀྱང་། བསྒྱུར་བཅོས་ཀྱིས་བསླངས་པའི་ན་ཟུག་ནམ་ཡང་མྱོང་བསྲན་བྱེད་མི་འདོད་པ་དེའོ།།

2.གཞན་སྐྱོན་གླེང་བ།. གལ་ཏེ། ཁྱོད་རང་གཞན་སྐྱོན་གླེང་བར་དགའ་མཁན་ཞིག་ཡིན་ཚེ། ནམ་ཞིག་ན་ཁྱོད་ཀྱི་སྐྱོན་ཡང་གཞན་གྱིས་གླེང་ངེས་ཏེ། རྒྱ་ཡི་ཁ་དཔེར། གཞན་གྱི་སྐྱོན་ནས་གླེང་མཁན་དེ།།རང་ཉིད་ངེས་པར་སྐྱོན་ཅན་ནོ།།ཞེས་བཤད་དོ།།

3.ལེ་ལོ། འཁང་བ།. འཚོ་བའི་ཁྲོད། ཁྱོད་རང་དུས་རྒྱུན་ངོ་ན་སྡུག་གིས་གང་ཞིང་གཞན་ལ་འཁང་ཙུག་བྱེད་པའི་མིའམ། ཡང་ན་དུས་རྒྱུན་དགའ་ཡལ་ལེར་ཡོད་པ་གཉིས་ལས་གང་ལ་དགའ། གལ་ཏེ། ཁྱོད་རང་མི་ལེ་ལོ་ཆེ་ཞིང་གཞན་ལ་འཁང་མཁན་ཞིག་ཡིན་ཚེ། ངེས་པར་དུ་ཁྱོད་ཀྱིས་སྐྱོན་འདི་བཅོས་དགོས། དེ་ལྟར་མ་བྱས་ན། ཁྱོད་རང་སྤྱི་ཚོགས་འདིར་མི་མཐུན་ཞིང་། གཞན་དང་མཉམ་འབྲེལ་ཡང་དཀའ་བ་ཡིན།

. གལ་ཏེ། ཁྱོད་ཀྱིས་འཚོ་བར་ཇི་ལྟར་ལྟ་ན་འཚོ་བས་ཀྱང་ཁྱོད་ལ་དེ་ལྟར་བལྟ་ཞིང་། ཁྱོད་ཀྱིས་གཞན་ལ་ཇི་ལྟར་བལྟ་ན། གཞན་གྱིས་ཀྱང་ཁྱོད་ལ་དེ་ལྟར་བལྟ་ངེས། དེའི་ཕྱིར། ཁྱོད་ཀྱིས་ལེ་ལོ་དང་འཁང་བ་མ་བྱེད། ངེས་པར་དུ་བརྩོན་པ་སྐྱེད་ཅིག ནམ་ཡང་བརྩོན་པ་སྐྱེེད་ཅིག "ལེགས་འགྲུབ་མཁན་གྱིས་ནམ་ཡང་གཞན་ལ་མི་འཁང་ཞིང་། གཞན་ལ་འཁང་མཁན་གྱིས་ནམ་ཡང་ལེགས་འགྲུབ་མི་ཡོང་།"

གསུམ། རྒྱུན་དུ་སེམས་ཁམས་ཀྱིས་འགྲོ་ལྡོག་བྱེད་པ།

. མི་ཞིག་ལེགས་འགྲུབ་ཡོང་མིན་ནི། རྒྱུ་རྐྱེན་ལྔ་པོ་འདི་བླང་དོར་བྱེད་མིན་ལ་རག་ལས་ཏེ། 1.སེམས་ཁམས་ཚོད་འཛིན་ཐུབ་པ། 2.ལུས་ཕུང་བདེ་ཐང་ཡིན་པ། 3.མི་དང་འགྲོག་བདེ་བ། 4.དུས་ཚོད་དོ་དམ་ནུས་པ། 5.ནོར་ལ་བདག་གཉེར་ཐུབ་པའོ།།གལ་ཏེ་ཁྱོད་རང་ལེགས་འགྲུབ་ཡོང་བར་འདོད་ན། རྒྱུ་རྐྱེན་འདི་ལྔ་པོར་དོ་དམ་ལེགས་པོ་བྱ་ཤེས་དགོས།

. ཅིའི་ཕྱིར་སེམས་ཁམས་དང་པོ་དང་བདེ་ཐང་གཉིས་པར་བཞག་པ་ཡིན་ཞེ་ན། རྒྱུ་མཚན་ནི། གལ་ཏེ་ཁྱོད་ལ་ཅི་འདྲའི་ལུས་པོ་བཟང་བོ་ཞིག་ཡོད་ཀྱང་། སེམས་ཁམས་མ་བཟང་ན། ཁྱོད་ཀྱི་ལུས་ལ་ཤུགས་རྐྱེན་ཐེབས་ཡོང་ལ། དུས་རབས་འདིར་མི་ཞིག་ལེགས་འགྲུབ་ཡོང་དགོས་ན། 20%ནི་ཤེས་ནོར་ལ་རག་ལུས་ཤིང་། 80%སེམས་ནོར་རམ་བཟོད་པར་རག་ལུས་པས། དེའི་ཕྱིར་སེམས་ཁམས་ཚོད་འཛིན་ཐུབ་དགོས་ཏེ། སེམས་ཁམས་ཀྱིས་མི་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད་པས་སོ།།ཅུང་ཙམ་གྱིས་ངར་ལང་ངར་རྡེབ་བྱེད་པ་ནི་བཟང་བོ་ཞིག་མ་ཡིན། དེའི་ཕྱིར་འཚོ་བའི་ནང་དུ། ཁྱོད་ཀྱིས་སེམས་ཁམས་ཅི་འདྲ་ཞིག་གསོ་སྐྱོང་བྱེད་དགོས་པ་ཡིན་ཞེ་ན། མི་བྱེད་པ་གསུམ་དང་མང་བ་གསུམ་གསོ་སྐྱོང་དགོས་ཏེ། མི་བྱེད་པ་གསུམ་ནི། 1.སྐྱོན་མི་གླེང་བ། 2.མི་འཁང་བ། 3.དགག་པ་མི་བྱེད་པ། མང་བ་གསུམ་ནི། 1.སྐུལ་འདེད་བྱེད་པ་མང་བ། 2.གཟེངས་བསྟོད་མང་བ། 3.བསྟོད་པ་མང་བ་སྟེ། འདི་རྣམས་ཀྱིས་ཁྱོད་རང་ངེས་པར་དུ་སྤྱི་ཚོགས་ཀྱི་མི་མང་པོས་དགའ་བསུ་ཐོབ་པའི་མི་རུ་བསྒྱུར་ངེས། གལ་ཏེ་ཁྱོད་ཀྱིས་རང་གི་གྲོགས་པོ་མི་ཕུལ་བྱུང་ཞིག་ཏུ་འགྱུར་ན་བསམ་ཚེ། དུས་རྟག་ཏུ་རང་གི་གྲོགས་ལ་སྐུལ་མ་དང་བསྟོད་པ་བྱ་དགོས། གལ་ཏེ་གྲོགས་པོར་སྐྱོན་ཞིག་ཡོད་པའི་དབང་དུ་བཏང་ནའང་། ཁོར་བསམ་ཚུལ་འདོན་ན་འགྲིག་གམ། འགའ་རེར་བསམ་ཚུལ་འདོན་ཚེ་ཚིག་པ་ཟ་བ་ཡང་ཡོད་པས། བསམ་ཚུལ་འདོན་པར་ཆེས་མཁོ་བའི་ཐབས་ལམ་ནི། བཅོས་ཐབས་གསུམ་སྟེ། 1.བསྟོད་པ་བྱེད་པ། 2.བསམ་ཚུལ་འདོན་པ། 3.ཡང་བསྟོད་པའོ།། འདང་ཞིག་རྒྱོབས་དང་། ཉི་མ་གཅིག་ལ་ཁྱོད་ཀྱིས་མི་ག་ཚོད་བསྟོད་ཀྱིན་ཡོད། མི་ལ་ལས་བསམ་ན། བསྟོད་པ་ནི་གཞན་ལ་འུད་བསྟོད་དང་། ངོ་དགའ་སྤྲེལ་ལད་བྱེད་པ་ཞིག་ལ་ངོས་གཟུང་སྲིད་མོད། འུད་བསྟོད་དང་བསྟོད་པ་གཉིས་ལ་ཁྱད་པར་བཞི་ཡོད་དེ། བསྟོད་པ་ནི། 1.བསམ་པ་རྣམ་དག་ཡིན་པ། 2.སེམས་གཏིང་ནས་བྱུང་བ། 3.མི་ཚོས་དང་ལེན་བྱེད་ཐུབ་པ། 4.སྒེར་དོན་མ་ཡིན་པའོ།།

. གལ་ཏེ་ཁྱོད་ཀྱིས་རང་འདོད་ཉི་ཚེ་བ་ཞིག་ཁོག་ལ་བཅུག་ནས་གཞན་ལ་བསྟོད་པ་ནི། ངོ་དགའ་སྤྲེལ་ལད་བྱས་པ་ལས་གཞན་མིན། ཁྱོད་ཀྱིས་གཞན་ལ་བསྟོད་པ་བྱ་འདོད་ཚེ་མགྲིན་པ་གཟེངས་སུ་བཏེགས་པར་གྱིས་ལ། གལ་ཏེ་ཁྱོད་ཀྱིས་གཞན་ལ་སྐྱོན་བརྗོད་བྱ་འདོད་ཚེ། རང་ཁར་སྒོ་ལྕག་བརྒྱབ་རོགས།

བཞི། རིག་པ་མི་སློབ་ཅིང་ང་རྒྱལ་ཆེ་བ།

. དོན་ལ། མི་དང་དུད་འགྲོའི་བར་དུ་འདྲ་ས་མང་པོ་ཞིག་ཡོད་ཅིང་། དུད་འགྲོའི་རང་སྲུང་གི་འདུ་ཤེས་ནི་མི་ལས་ཀྱང་ལྷག་པ་ཡིན། འོན་ཀྱང་། མི་དང་དུད་འགྲོའི་བར་གྱི་ཆེས་ཁྱད་པར་ཆེན་པོ་ནི། མིས་སློབ་སྦྱོང་དང་བསམ་བློ་གཏོང་ཤེས་པ་འདི་ཡིན། མིས་རྒྱུན་མི་འཆད་པར་སློབ་སྦྱོང་བྱ་དགོས་ཤིང་། ནམ་ཡང་རང་ཉིད་ཀྱི་སྐྱེས་ཐོབ་ལས་བྱུང་བའི་ཤེས་རབ་བག་ལ་ཞར་འཇུག་མི་ཉན། ངེས་པར་དུ་སློབ་སྦྱོང་བྱ་དགོས། ངེས་པར་དུ་རང་ཉིད་ནི་སྤྲང་ཁུག་སྟོང་བ་ཞིག་ཡིན་པའི་སེམས་ཁམས་འཆང་དགོས། འོ་ན། ང་ཚོས་སུ་ཞིག་ལ་སློབ་སྦྱོང་དགོས་ཤེ་ན། དངོས་སུ་དམ་པ་རྣམས་དང་སློབ་སྦྱོང་བྱ་དགོས་པ་ཡིན་ནོ།།

ང་ཚོས་ནམ་ཡང་བཟང་ཕྱོགས་རྣམས་སྨན་བཞིན་དུ་བསྟེན་ཅིང་ངན་ཕྱོགས་རྣམས་འགོ་བའི་ནད་བཞིན་སྤངས་ཏེ་མི་རེ་རེའི་བཟང་ཆར་ལྟ་ཤེས་དགོས་པ་ཡིན། མི་གསུམ་འདུས་ན་རང་ལ་དགེ་རྒན་ཡོད་ཅེས་པ་མ་ཡིན་ནམ།

ད་རུང་གཙོ་བོ་གཅིག་ནི། དཔེ་ཀློག་མང་དུ་བྱེད་རྒྱུ་དེ་ཡིན།

ལྔ། རང་གིས་ཅི་བསམ་ལ་མི་བསྟུན་པར་གཞན་གྱིས་ཅི་ཟེར་ལ་ཉན་པ།

. ཡིད་ཆེས་ནི་བྱ་བའི་འགོ་གཟུགས་ས་དང་། རྒྱུན་འཁྱོངས་ནི་བྱ་བའི་མཇུག་བསྡུ་ས་ཡིན་ནོ་ཞེས་མང་པོས་གླེང་ལ། བྱ་བ་སྒྲུབ་སྐབས། མི་མང་པོས་རང་གིས་ཅི་བསམ་ལ་མི་དྲི་བར་གཞན་གྱིས་ཅི་ཟེར་ཁོ་ནར་ཉན་ཞིང་། རང་ལ་ཡིད་ཆེས་ནི་གཏན་ནས་མེད་དོ།།ཡིད་ཆེས་དང་དད་འདུན་ནི་དོན་མི་འདྲ་བ་གཉིས་ཏེ། ཡིད་ཆེས་ནི་མཐོང་དུ་ཡོད་ཅིང་། དད་འདུན་ནི་མཐོང་དུ་མེད་དོ།།དད་འདུན་ནི་མིའི་རིགས་ཀྱི་ཚུལ་ཞིག་ཡིན་ཀྱང་། མི་མང་པོས་བྱ་བ་སྒྲུབ་སྐབས། རང་གི་དད་འདུན་ལ་མི་བསྟུན་པར་གཞན་གྱིས་ཅི་ཟེར་ལ་ཉན་པའོ།།འདིར་གཞན་གྱིས་བསམ་ཚུལ་བཏོན་པར་ཉན་མི་རུང་ཟེར་བ་ནི་མིན་ཏེ། དེ་རང་གིས་དཔྱད་གཞིར་འཛིན་ཆོག་པ་ཡིན། འོན་ཀྱང་ཁྱོད་ཀྱིས། བྱ་བ་འདི་སྒྲུབ་པ་ནི་རང་གི་རྨི་ལམ་མངོན་དུ་གྱུར་ཆེད་དང་། རང་ཉིད་ཀྱི་རིན་ཐང་ཕྱིར་མངོན་ཆེད་ཡིན་པ་བརྗེད་མི་ཉན། གཞན་གྱིས་ནི་ཁྱོད་ཀྱི་རྨི་ལམ་ལ་སེམས་ཁུར་བྱེད་མི་སྲིད་པས། རང་ཉིད་ཁོ་ནས་རང་གི་རྨི་ལམ་དང་དེ་མངོན་དུ་གྱུར་མིན་ལ་སེམས་ཁུར་བྱེད་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན།.

. རང་ཉིད་ཀྱིས་བདམ་གསེས་བྱས་པར་ནོར་མེད་ན། ནམ་ཡང་གཞན་གྱིས་ཅི་ཟེར་ལ་འདང་བརྒྱབ་མི་དགོས།

གོང་དུ་བཤད་པ་དག་ནི་མི་ཞིག་ནར་མ་སོན་པའི་རྟགས་ལྔ་ཡིན་ལ། ཁ་ནང་དུ་བསྐོར་ནས་རྟགས་གང་ཞིག་རང་སྟེང་ན་ཡོད་ཚེ། མྱུར་དུ་བསྒྱུར་བཅོས་དགོས་པ་ཡིན། རང་ཉིད་ནར་མ་སོན་པ་ལས་རྒྱལ་བར་ཡིད་ཆེས་ན། ཁྱོད་རང་རིམ་གྱིས་ནར་སོན་ངེས་ལ། ནར་སོན་འོང་ཚེ། ཁྱོད་ཀྱིས་རང་ཉིད་ལ་ཡོད་ན་འདོད་པའི་འཚོ་བ་སྟེ། དུས་ཚོད་རང་དབང་། རྒྱུ་ནོར་རང་དབང་། ནང་སེམས་རང་དབང་གི་མི་ཚེའི་རེ་བ་རྣམས་འགྲུབ་ཡོང་བ་ཡིན་ནོ།།

མ་ཡིག་གི་ཡོང་ཁུངས《文学批评》ཡིན་ཞིང་རྩོམ་པ་པོའི་མཚན་མི་གསལ།