索达吉堪布的微博

ཕྱི་ཟླ་༡༠པའི་ཚེས་༣༡སྟེ། སང་ཉིན་ནི་ལོ་རེར་ཐེངས་རེ་ཚེས་པའི་ལྷ་བབ་དུས་ཆེན་རེད། ཉིན་འདིར་དགེ་ལས་གང་ཞིག་བྱས་ན་བདེ་འབྲས་ཚད་མེད་དུ་འཕེལ་ཞིང་འཐོབ། དུས་དེར་ཚང་མས་སངས་རྒྱས་ཤཱཀྱ་ཐུབ་པའི་བསྙེན་པ། ཏདྱཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་དང་། སངས་རྒྱས་ཀྱི་མཚན། བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ༎ མཆོད་དོ༎ སྐྱབས་སུ་མཆིའོ༎ འདི་གཉིས་ཐ་ན་ཡང་ཚར་བརྒྱ་རྩ་བརྒྱད་རེ་འདོན་པར་རེ་བ་ཆེ། མཁན་པོ་བསོད་དར་རྒྱས་ནས།